༄། ས་སྐྱ་ཆོས་འཁོར་གླིང་།

Sakya Choekhor Ling

སྤྱིར་བཏང་གི་ཞལ་འདེབས། 

ཀྲོརོནཀྲོ་ས་སྐྱ་ཆོས་འཁོར་གླིང་ནི་ཁེནཌ་གཞུང་ལ་ཡིད་ཆེས་དགེ་རྩའི་མིང་ཐོག་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་ཁེ་གཉེར་མིན་པའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཞིག་ཡིན་ཞིང་། མངའ་སྡེའི་དཔྱ་ཁྲལ་ལས་ཁུངས་ནས་ཀྱང་ཁེ་གཉེར་མིན་པའི་ཚོགས་པར་ངོས་ལེན་བཀའ་ཁྲོལ་ཡིག་ཆ་ཡང་ཐོབ་ཡོད། ཚོགས་པའི་གཞི་རྩའི་དམིགས་ཡུལ་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་བསླབ་བྱ་བྱམས་དང་སྙིང་རྗེའི་ཉམས་ལེན་གཙོ་བོར་གཟུང་ནས་མིང་དོན་མཚུངས་པའི་ཤེས་ཡོན་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྣ་མང་བྱ་རྒྱུ་དེ་ཡིན།

ཆོས་ཚོགས་འདིའི་དམིགས་ཡུལ་སྤྱི་ཚོགས་ལ་ནུས་པ་ལྡན་པའི་ཞབས་ཞུ་ལེགས་འགྲུབ་ཡོང་བར་གཙོ་བོ་མང་ཚོགས་ཀྱི་རྒྱབ་སྐྱོར་དང་ལྷག་པར་དཔལ་འབྱོར་རོགས་རམ་ལ་རག་ལུས་ཡོད་པར་རྟེན།  དམིགས་ཡུལ་ལྟར་ཞི་རྒྱ་ཆེ་བའི་ལས་འཆར་ཐོག་མང་ཚོགས་ནས་ནུས་པ་མཉམ་སྤུངས་ཀྱིས་ཞལ་འདེབས་རྒྱ་གང་ཆེ་གནང་སྐྱོང་འབོད་བསྐུལ་ཞུ།