༄། ས་སྐྱ་ཆོས་འཁོར་གླིང་།

Sakya Choekhor Ling

དང་བླངས།

ཆོས་ཚོགས་འདི་ཁེནཌ་མངའ་སྡེ་གཞུང་ལ་ཡིད་ཆེས་དགེ་རྩའི་མིང་ཐོག་ནས་ཁྲིམས་མཐུན་དེབ་སྐྱེལ་བྱས་པ་ཞིོག་ཡིན་པ་དང་།  ཆོས་ཚོགས་ཀྱི་གཞི་རྩའི་དམིགས་ཡུལ་ནི་རྒྱ་གར་འཕགས་པའི་ཡུལ་ནས་དར་བའི་ནང་ཆོས་སྤྱི་དང་སྒོས་སུ་དཔལ་ས་སྐྱའི་བཤད་གྲུབ་གཉིས་ལྡན་གྱི་བླ་ཆེན་རྣམ་པའི་གསུང་རབ་རྣམས་རྒྱུན་འཛིན་དར་སྤེལ་གཙོ་བོ་ཐོག་བོད་ཀྱི་སྐད་ཡིག རིག་གཞུང་དེ་བཞིན་ལེགས་བྱང་བཅས་མང་ཚོགས་ལ་ཁྱབ་སྤེལ་བྱ་རྒྱུ་དང་། ལྷག་པར་ས་སྐྱའི་སྐྱེས་ཆེན་དམ་པ་རྣམས་ཀྱི་འདས་མཆོད་སྲུང་བརྩི་དང་ཚེས་བཟང་གང་འཁེལ་ལ་བླ་ཆེན་གཙོས་སྐྱེས་འགྲོའི་བདེ་སྐྱིད་སླད་ཞལ་འདོན་ཚོགས་བསྐོང་གནང་རྒྱུ་མཚོན་སེམས་ཅན་སྤྱི་ལ་ཕན་པའི་གལ་གནད་ཅན་གྱི་ལས་འགུལ་རྒྱ་གང་ཆེ་སྤེལ་རྒྱུ་དེ་ཡིན།  གོང་གི་ལས་དོན་འགྲུབ་པར་མང་ཚོགས་ཀྱི་རོགས་སྐྱོར་ལ་རག་ལུས་ཡོད་པ་སོང་། འབྲེལ་ཡོད་མང་ཚོགས་ནས་དང་བླང་ཞབས་ཞུ་གནང་བློ་ཡོད་རིགས་ནས་གཤམ་གྱི་ལས་དོན་ཐོག་དང་བླང་ཞབས་ཞུའི་གོ་སྐབས་ཡོད།

 

·    ཤེས་ཡོན་དང་འབྲེལ་བའི་ཞབས་ཞུ།

ནང་ཆོས་སློབ་ཁྲིད་དགེ་རྒན  བོད་ཀྱི་སྐད་ཡིག་སློབ་དགེ།    བགྲོ་གླེང་དང་གཏམ་བཤད་གོ་སྒྲིག་པ།  ཕྲུལ་རིགས་ཆེས་ལས།  

·    འཛིན་སྐྱོང་དང་འབྲེལ་བའི་ཞབས་ཞུ།

འཁྲུངས་སྐར་དང་དེ་མིན་མཛད་རིམ་ཆེ་ཁག་གོ་སྒྲིག་ཞབས་ཞུ་པ།

ཆོས་ཚོགས་ཀྱི་རྒྱུན་ལྡན་ཚོགས་མཆོད་དང་ཞབས་རིམ་སྐབས་བཞེས་ལག་བཟོ་རྒྱུ་ཚོན་གོ་སྒྲིག་དང་འབྲེལ་བའི་ལས་སྣེ་ཞབས་ཞུ།